རྫོང་ཁ་ལི་ནགསི།
རྒྱལ་རབས་ནང་ལུ་འགོ་དང་པ་ རྫོང་ཁའི་ཝེབ་ས་ཁོངས་བརྡ་འཚོལ་འབད་ རྫོང་ཁའི་ནང་ཁ་སླབ་ དེ་ལས་ རྫོང་ཁའི་ནང་གློག་རིག་ནང་ལཱ་འབད།
ག་ར་རྫོང་ཁའི་ནང་།
མ་གཞི་ལས་རང་རིན་མེད་སྟོང་པ་ཨིན་ !
ང་བཅས་རའི་ཁ་སྐད་ ང་བཅས་རའི་མཉེན་ཆས་...
རྫོང་ཁ་ལི་ནགསི་ཟེར་མི་འདི་ག་ཅི་སྨོ?
རྫོང་ཁ་ལི་ནགསི་འདི་ རྫོང་ཁ་གློག་རིག་ནང་བཙུགས་ནིའི་དོན་ལུ་ རྒྱབ་སྐྱོར་ཧྲིལ་བུ་གཅིག་ཁར་བསྡོམ་མི་ རང་དབང་ལི་ནགསི་བཀོལ་སྤྱོད་རིམ་ལུགས་འདི་གི་ ཉེ་གནས་སྦེ་མཐུན་འགྱུར་བཟོ་ཡོད་པའི་ཐོན་རིམ་ཅིག་ཨིན། དེ་གིས་ཆ་ཚང་སྦེ་སྐད་བསྒྱུར་འབད་ཡོད་པའི་ལག་ལེན་པའི་ངོས་འདྲ་བ་ཚུ་སྟོནམ་ཨིན་ དེ་ལས་ རྫོང་ཁའི་སྐད་ཡིག་གློག་རིག་ནང་བཙུགས་ནིའི་དོན་ལུ་ རྒྱབ་སྐྱོར་བྱིནམ་ཨིན། དེ་ཡང་ གཞི་རྩའི་ལཱ་ དཔེར་ན་ ཡིག་སྦྱོར་འབད་ནི་ ཤོག་ཁྲམ་ གསལ་སྟོན་ གློག་འཕྲིན་གཏང་ནི་ ཝེབ་བརྡ་འཚོལ་འབད་ནི་ ཁ་སླབ་ནི་ལ་སོགས་པ་ཚུ་ཆ་མཉམ་ རྫོང་ཁའི་ནང་འབད་བཏུབ་ཨིན།
- རྫོང་ཁ་ལི་ནགས་འདི་ སི་ཌི་ལས་ཐད་ཀར་དུ་གཡོག་བཀོལ་བཏུབ་མི་དང་ གདམ་ཁའི་ཐོག་ ཁྱོད་རའི་ཧརཌི་ཌིཀསི་གུ་གཞི་བཙུགས་འབད་བཏུབ་མི་ དེང་སང་དང་སྦྱོང་ཚན་ལི་ནགསི་གི་རིམ་ལུགས་ཅིག་ཨིན།
- རྫོང་ཁ་ལི་ནགསི་འདི་ ང་བཅས་རའི་མི་མང་གི་དགོས་མཁོ་ལུ་ཆེད་དམིགས་འབད་དེ་ བཀོད་སྒྲིག་/གོང་འཕེལ་འབད་ཡོདཔ་ཨིན།
- རྫོང་ཁ་ལི་ནགསི་འདི་ ཌེ་བི་ཡཱན་དང་མོར་ཕིཀསི་ལུ་གཞི་བཞགཔ་ཨིན་ དེ་ཡང་ ཁོང་རའི་ཁྱད་རྣམ་དྲག་ཤོས་ཚུ་གི་ཁེ་ཕན་ཚུ་བལྟ་སྟེ་འབདཝ་ཨིན་ དེ་ལས་ བདག་དབང་ཡོད་པའི་དེང་སང་གོང་འཕེལ་ལག་ཆས་ཚུ་ཁ་སྐོང་རྐྱབས་ཨིན་ཟེར་བའི་དོན་ཨིན།
གསལ་གཞིའི་པར་ཚུ་
རྫོང་ཁ་ལི་ནགསི་ལག་ལེན་འཐབ་ཐངས་
- རྫོང་ཁ་ལི་ནགསི་གི་དངོས་མཐོང་སི་ཌི་འདི་ ཁྱོད་རའི་གློག་རིག་གུའི་ སི་ཌི་-རོམ་/ཌི་བི་ཌི་འདྲེན་འཕྲུལ་འདི་ནང་བཙུགས་ཞིནམ་ལས་ རིམ་ལུགས་འདི་བུཊི་འབད། རྫོང་ཁ་ལི་ནགསི་འདི་འགོ་བཙུགས་འོང་། དགོས་མཁོ་ཡོདཔ་ཨིན་པ་ཅིན་ སི་ཌི་-རོམ་འདྲེན་འཕྲུལ་འདི་བརྒྱུད་དེ་ བུཊི་འབད་ནིའི་དོན་ལས་ ཁྱོད་རའི་བི་ཨའི་ཨོ་ཨེསི་རིམ་སྒྲིག་འབད།
- རྫོང་ཁ་ལི་ནགསི་འདི་ བུཊི་དཀར་ཆག་འདི་གུ་ འོས་ལྡན་སྐད་ཡིག་གདམ་ཁ་རྐྱབས་ཐོག་ ཨིང་ལིཤ་ཡང་ན་རྫོང་ཁ་ནང་འགོ་བཙུགས་བཏུབ། རེ་འདོད་ཡོདཔ་ཨིན་པ་ཅིན་ རྫོང་ཁ་ལི་ནགསི་འདི་ ཁྱོད་རའི་ཧརཌི་ཌིཀསི་གུ་ལུ་མགྱོགས་པ་དང་འཇམ་ཏོང་ཏོ་སྦེ་ འགོ་བཙུགས་བཏུབ།
- ཌེཀསི་ཊོཔ་དཀར་ཆག་བརྒྱུད་དེ་ ཧརཌི་ཌིཀསི་གཞི་བཙུགས་གདམ་ཁ་འདི་ལག་ལེན་འཐབ།
ང་བཅས་ཀྱིས་ག་ཅི་སྦེ་ ལི་ནགསི་གདམ་ཁ་རྐྱབས་སྨོ?
- ལི་ནགསི་བཟུམ་མའི་ རང་དབང་བཀོལ་སྤྱོད་རིམ་ལུགས་ཚུ་ གོང་འཕེལ་འགྱོ་བའི་བསྒང་གི་རྒྱལ་ཁབ་ཚུ་གི་དོན་ལུ་ ཁེ་ཕན་ལེ་ཤ་ཡོདཔ་ཨིན། ད་རེས་ནངས་པའི་མཉེན་ཆས་ཐུམ་སྒྲིལ་མང་ཤོས་རང་ ནུབ་ཁ་ཐུག་ལུ་བཟོ་སྟེ་ ཟད་འགྲོ་གཏང་ཚུགས་པའི་ཚད་བཟུང་ཚུ་ རྩ་བ་ལས་སོ་སོ་ཨིན་མི་ གོང་འཕེལ་འགྱོ་བའི་བསྒང་གི་རྒྱལ་ཁབ་ཚུ་ནང་ བཙོངམ་ཨིན། འ་ནི་དཀའ་ངལ་འདི་ ལི་ནགསི་དང་གཅིག་ཁར་མི་འབྱུང་ ག་ཅི་སྦེ་ཟེར་བ་ཅིན་ འདི་སྟོང་པ་ཨིན།
- ལི་ནགསི་གི་དྲང་པོའི་རང་བཞིན་འདི་གྱིས་ གཙོ་བོ་སྦེ་ཚད་བཟུང་འབད་ཡོད་པའི་ཐབས་ལམ་ཚུ་ལས་ ལེ་ཤ་གིས་ལམ་སྲོལ་གྱི་ཚོར་ཅན་ཨིན་མི་ཐབས་ལམ་ནང་ ལག་ལེན་པའི་ངོས་འདྲ་བ་སྲོལ་སྒྲིག་འབད་ནིའི་དོན་ལས་ ཉེ་གནས་སྐད་ཡིག་གི་སྡེ་ཚན་ཚུ་འབད་བཅུགཔ་ཨིན། དེ་འབདཝ་ལས་ང་བཅས་ཀྱིས་ ལི་ནགསི་འདི་ འབྲུག་གི་ཁ་སྐད་གློག་རིག་ནང་བཙུགས་ནིའི་དགོས་མཁོ་ཚུ་གི་དོན་ལས་ ཡིད་འཕྲོག་ཚུགས་པའི་ཡུན་རིང་གི་ཐབས་ཤེས་དྲག་ཤོས་ཅིག་ཨིན། ང་བཅས་ཀྱིས་ བཟོ་མི་ཚུ་དང་གཅིག་ཁར་ མཉེན་རིམ་འདི་གི་ཡོངས་གྲགས་དང་འཁྲིལ་ གཞན་མི་རང་དབང་བཀོལ་སྤྱོད་རིམ་ལུགས་ལས་ ལི་ནགསི་འདི་གདམ་ཁ་རྐྱབས་ཡོདཔ་ཨིན།