ཡུལ་མཐུན་བཟོ་བ་ཟེར་མི་འདི་ག་ཅི་སྨོ?
ཡུལ་་མཐུན་བཟོ་བ་ཟེར་མི་འདི་དམིགས་གསལ་ལོ་ཀེལ་ཅིག་ལུ་ཐོན་རྐྱེན་ཅིག་འདྲིས་མཐུན་འབད་ནི་ཡང་ན་གསར་བསྐྲུན་འབད་ནི་གི་ལས་སྦྱོར་་ དེ་འབདཝ་ལས་ ལག་ལེན་པའི་སྡེ་ཚན་ཡང་ན་གཞན་དམིགས་གསལ་དམིགས་གཏད་ཚོང་འབྲེལ་ཅིག་གི་ཚོང་འབྲེལ་དགོས་མཁོ་ཡོད་མི་ཚུ་དང་གྲོས་འཛོམས་ཚུ་ ལམ་སྲོལ་སྐབས་དོན་ ཁ་སྐད་འདི་ལུ་ཨིན།
ལག་ལེན་པ་ཅིག་གིས་ཁོ་རང་གི་ཁ་སྐད་ལག་ལེན་འཐབ་དེ་ཚུལ་ལྡན་སྦེ་རིམ་མཐུན་བཟོ་ཡོད་མི་ཐོན་རྐྱེན་ཅིག་་དང་དུས་རྒྱུན་ཆ་མཉམ་ཚང་བའི་ལམ་སྲོལ་གྲོས་འཛོམས་ཚུ་དང
་གཞན་ལག་ལེན་པ་གི་དགོས་མཁོ་ཡོད་པའི་ལུང་ཕྱོགས་་དང་གཅིག་ཁར་ཕན་ཚུན་འབྲེལ་བ་འཐབ་བཏུབ་ཨིན།
དེ་གིས་ཐེབས་ཧེང་བཀེལ་ལག་ལེན་པའི་མཐོང་ཚུགས་པའི་ཚིག་ཡིག་ཡིག་རྒྱུན་ཚུ་ཆ་མཉམ་དང་ལག་ལེན་པ་གི་ཁ་སྐད་དངལམ་སྲོལ་་གྲོས་འཛོམས་ཚུ་ལག་ལེན་འཐབ་ནི་ལག་ལེན་པའི་ཡིག་ཐོག་བཀོད་པ་
(དཔར་བསྐྲུན་འབད་ཡོདཔ་དང་གློག་ཆས་ཚུ་)ཆ་མཉམ་བརྡ་སྟོན་འབདཝ་ཨིན།
དེ་བཟུམ་སྦེ་ མཉེན་ཆས་རིམ་མཐུན་བཟོ་བ་དེ་བྱེ་བྲག་ལུངས་ཕྱོགས་ཅིག་གི་ལམ་སྲོལ་དང་མཐའ་འཁོར་ ས་གནས་ཀྱི་ཁ་སྐད་ནང་འཇམ་ཏོང་ཏོ་སྦེ་ལག་ལེན་འཐབ་བཏུབ་པའི་མཉེན་ཆས་ཐོན་རྐྱེན་ཅིག་ལེགས་བཅོས་འབད་ནི་ཡང་ན་གསར་བསྐྲུན་འབད་ནི་གི་ལས་སྦྱོར་སྦེ་ངེས་འཛིན་འབད་བཏུབ་ཨིན།
དེའི་ལམ་སྲོལ་ཆེད་བརྗོད་མེདཔ་སྦེ་ཌི་ཇི་ཊཱལ་འཛམ་གླིང་ཅིག་བཙུགས་ནི་དོན་ལུ་ རྒྱལ་ཁབ་ཅིག་ཁོང་རང་གི་ཁ་སྐད་ནང་མཉེན་ཆས་ལག་ལེན་འཐབ་ཏེ་གིས་འབད་དགོཔ་ཨིན།
ཕྱི་རྒྱལ་ཁ་སྐད་ཅིག་ནང་མཉེན་ཆས་དེ་ཌི་ཇི་ཊཱལ་བགོ་ནི་འདི་ཧེང་བཀེལ་མེདཔ་གཏང་མ་་གཞི་རིམ་གློག་རིམ་ལཱ་ཁག་དང་རིང་ཐང་ཅན་བཟོཝ་ ཉེ་གནས་ཀྱི་ལམ་སྲོལ་ཉམས་ནི་
དང་གནས་སྡུད་གཞི་རྟེན་ཚུ་དང་ངོས་འདྲ་བ་ཚུ་ནང་ཉེ་གནས་ཁ་སྐད་ཡིག་ཚུགས་ཚུ་ལག་ལེན་འཐབ་མ་བཏུབ་སྦེ་གློག་རིག་གནས་གཞི་རྟེན་ཡོད་མི་སྲིད་གཞུང་ལས་སྦྱོར་ཚུ་བཀག་ཆ་འབདཝ་ཨིན།
རིམ་མཐུན་བཟོ་བ་(སྐབས་སྐབས་"l10n"ལུ་ཐུང་ཀུ་བཟོ་ཡོདཔ་)འདི་བྱེ་བྲག་ཁ་སྐད་ ལམ་སྲོལ་ དང་རེ་འདུན་འབད་ཡོད་མི་ཉེ་གནས་"look-and-feel"ཅིག་ལུ་མཉེན་ཆས་ཅིག་འདྲིས་མཐུན་འབད་ནི་གི་ལས་སྦྱོར་ཨིན།
བསམ་བློ་གི་ཐོག་ལས་རིམ་མཐུན་བཟོ་བ་དེ་འབྲེལ་བའི་ཐོག་ལས་འཇམ་ཏོང་ཏོ་སྦེ་མཐར་འཕྱིན་ནི་ལུ་མཉེན་ཆས་ཅིག་གསར་བཟོ་འབད་ཡོདཔ་ཨིན་ དཔེར་ན་ དགོས་དོན་འདི་གི་དོན་ལུ་འོག་གི་ཁང་མིག་རྒྱ་སྐྱེད་ལ་ལོ་དང་གཞན་ཁ་སྐད་ལུ་ཚིག་ཡིག་གིས་འཇམ་ཏོང་ཏོ་སྦེ་བསྒྱུར་བཅོས་འབད་ནི་ལག་དེབ་ཚུ་གི་དོན་ལུ་འཕྲུལ་རིག་རི་མོ་ཚུ་གསར་བསྐྲུན་འབད་དེ་གིས་ཨིན།
མཉེན་ཆས་རྒྱུ་དངོས་ཚོང་སྡེ་ཚུ་(དེ་བཟུམ་སྦེ་མེཀརོ་སོཕཊི་) ཁོང་རང་གི་མཉེན་ཆས་ཁེ་སང་ཐོབ་པའི་ཚོང་འབྲེལ་ཚུ་(ད་ལྟོ་ཡང་ན་མ་འོངས་པ་ནང་)བཟུམ་སྦེ་ཆ་འཇོགམ་འབད་མི་དཔལ་འབྱོར་རིག་པ་ལུ་ཡུལ་མཐུན་བཟོ་ནི་དང་འདྲིས་མཐུན་འབད་ནི་ནང་སྤྲོ་བ་མ་བསྐྱེདཔ་ཨིན།
དཔལ་འབྱོར་རིག་པ་སྐྱོ་དྲགས་དེ་གི་གོ་སྐབས་འདི་ཡང་་ ཁོང་རང་གི་ཁ་སྐད་ནང་མཉེན་ཆས་དགོ་ནི་ལུ་ ཆོག་ཐམ་ལག་འཁྱེར་ཚུ་གི་དོན་ལུ་འབོར་ཆེ་བའི་དངུལ་བསྡོམ་གཏང་མ་དགོཔ་ གཞན་ལས་གནང་བ་ཞུ་བ་འབད་མ་དགོ་པར་་ག་ཅིག་རང་འབད་རུང་ཁོང་རང་གིས་འབད་ཚུགསཔ་ (ཨེཕ་ཨོ་ཨེསི་ཨེསི་)མཉེན་ཆས་འབྱུང་ཁུངས་ཁ་ཕྱེ་ནི་དང་རང་དབང་གི་ཡུལ་མཐུན་བཟོ་་ནི་ཨིན།
མཉེན་ཆས་འདི་གི་དོན་ལུ་གོང་འཕེལ་ལས་སྦྱོར་ནང་ཧེ་མ་ལས་འབྲེལ་བ་ཡོད་མི་ཚོགས་སྡེ་་ཡང་ན་ཐབས་རིག་གང་ཟག་གིས་འཕུལ་ཡོད་མི་ འཕྲུལ་རིག་གི་འཛམ་གླིང་ནང་ན་མང་ཤོས་འབྱུང་ཡོད་མི་གོ་དཀའི་གནད་དོན་ཅིག་ ཨེཕ་ཨོ་ཨེསི་ཨེསི་གི་ཡུལ་མཐུན་བཟོ་བ་ཨིན།
གཞན་ཡང་ མཉེན་ཆས་འབྱུང་ཁུངས་ཁ་ཕྱེ་ནི་དང་རང་དབང་གི་ཡུལ་མཐུན་བཟོ་བ་ ད་ལྟོ་ཚུན་ཚོད་ཐབས་རིག་གི་འབྲེལ་བ་ཡོད་མི་དགོས་མཁོ་ཚུ་རྟེན་ རྒྱུ་དངོས་མཉེན་ཆས་གཞི་རིམ་ནང་གོང་འཕེལ་འགྱོ་ཡོད་པའི་རྒྱལ་ཁབ་ཚུ་དང་པ་ས་གནས་འཛིན་ཡོད་མི་(དེ་བཟུམ་མའི་མིང་ཚིག་ལས་སྦྱོར་འབད་ནི་ ཤོག་ཁྲམ་ལ་སོགས་པ་)དེ་ཧེ་མ་ལས་ཉེ་གནས་ཁ་སྐད་ནང་ཐོབ་ཚུགསཔ་ཨིན།
ད་ལྟོ་ཡུལ་མཐུན་བཟོ་བའི་ལས་སྦྱོར་དེ་འཇམ་སམ་སོང་ཡོདཔ་ དང་ཨེཕ་ཨོ་ཨེསི་ཨེསི་རིམ་མཐུན་བཟོ་བ་འཚུབ་ཅན་ཐོག་ལུ་ཆ་འཇོག་འབད་ནི་ལུ་ཨེཕ་ཨོ་ཨེསི་ཨེསི་ཐབས་རིག་ཅན་ཚུ་ཧ་ཅང་སྦྱོང་དར་འབད་ཡོད་མི་
ཡང་ན་ཁོང་རང་གི་ཉེ་གནས་ཁ་སྐད་ནང་མཉེན་ཆས་གང་རུང་མེད་མི་རྒྱལ་ཁབ་ཆུང་ཀུ་གནང་བ་བྱིན་ནི་ ཡར་བསྐྱེད་ཚུ་ཉེ་གནས་བཟོ་ནི་གི་སྐོར་ལས་བརྡ་དོན་ཨིན།
རྒྱལ་ཁབ་དེ་ཚུ་གི་དོན་ལུ་ ཉེ་གནས་ཁ་སྐད་ཚུ་ནང་མཉེན་ཆས་ལག་ལེན་འཐབ་ནི་གི་མི་སྡེའི་ཁེ་ཕན་དེ་ཚུ་ གནམ་མེད་ས་མེད་སྦོམ་སྦེ་ཡོདཔ་ལས་ཚད་འཇལ་ནི་ལུ་འཇམ་ཏོང་ཏོ་ཡོདཔ་ཨིན: འདིའི་ཁ་སྐད་ནང་ གློག་རིག་འཕྲུལ་རིག་ལག་ལེན་འཐབ་དེ་ འདིའི་ལཱ་གཡོག་གཞུང་ལུ་འབད་བཅུགཔ་ཨིན།
ཚོང་ལཱ་(ཨེསི་ཨེམ་ཨི་ཨེསི་)འབྲིང་མ་དང་ཆུང་ཀུ་གི་གློག་རིག་བཟོ་ནི་གནང་བ་བྱིན་ནི། གློག་རིག་ཚུ་ལག་ལེན་འཐབ་དགོ་པའི་མི་མང་གི་དོན་ལུ་སྦྱོང་དར་གྱི་དུས་ཚོད་དང་གོང་ཚད་ཤུགས་སྦོམ་སྦེ་མར་ཕབ་འབད་ནི། གློག་རིག་བེད་སྤྱོད་ལུ་འཛུལ་སྤྱོད་འབད་ནི་ཡང་ན་ཨིང་ལིཤ་ལྷབ་ནི་གོ་སྐབས་མ་ཐོབ་མི་མི་མང་ལུ་སྦྱོང་དར་འཛུལ་སྤྱོད་འབད་བཅུགཔ་ཨིན།
ཕྱི་རྒྱལ་ཁ་སྐད་ཅིག་ནང་གློག་རིག་གི་ལག་ལེན་འཐབ་ནི་ལས་ཕྱི་རྒྱལ་གྱི་ཐ་སྙད་ཚུ་གི་འཛུལ་ཞུགས་ཚད་ལས་བརྒལ་ནི་ཟུར་ཏེ་ གློག་རིག་ཚུ་ལག་ལེན་འཐབ་ནི་དེང་སང་ཡིག་ཚང་གི་མཐའ་འཁོར་ཅིག་ནང་ ཉེ་གནས་ཁ་སྐད་འདི་ལཱ་གཡོག་ཁ་སྐད་སྦེ་སླར་གསོ་འབདཝ་ཨིན།
པཱན་༡༠་ཨེན་རིམ་མཐུན་བཟོ་བའི་ལས་འགུལ་ཟོར་མི་་འདི་ག་ཅི་སྨོ?
པཱན་ཡུལ་མཐུན་བཟོ་བའི་ལས་འགུལ་འདི་ ཨའི་ཌི་ཨར་སི་རྒྱབ་སྐྱོར་འབད་ཡོད་མི་བྱ་བ་སྣ་མང་-ཨེན་ད་ལྟོ་ཨཕ་ག་ནིསི་ཏཱན་ བང་ལ་དེཤི་ འབྲུག་ ཀོམ་བོ་ཌི་ཡ་ ལའོསི་ ནེ་པཱལ་དང་སི་རི་ལང་ཀ(ཤྲི་ལངྐ་)གློག་རིག་དང་མངོན་དུ་འགྱུར་བའི་ཚན་རིག་ཚུ་་(ཨེན་ཡུ་སི་ཨི་ཨེསི་)གི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཡོད་ས་ ཨུར་དུ་ཁ་སྐད་ལས་སྦྱོར་འབད་ནི་ནང་ཞིབ་འཚོལ་གྱི་དོན་ལུ་པ་ཀིསི་ཏཱན་བརྒྱུད་དེ་འདིའི་དབུས་ནང་འགོ་འདྲེན་འཐབ་ཡོད་མི་ཡུལ་མཐུན་བཟོ་བའི་ལས་འགུལ་ཨིན།
ལས་འགུལ་འདི་ཡང་ལུང་ཕྱོགས་ཀྱི་ཉེ་གནས་ཁ་སྐད་གློག་རིག་ཁ་གྱང་གོང་འཕེལ་གཏང་ནི་གུ་འགོ་ཐོག་གཞི་བཙུགས་འབད་བའི་དོན་ཅིག་ཨིན།
པཱན་ཡུལ་མཐུན་བཟོ་བའི་ལས་འགུལ་གུ་བརྡ་དོན་རྒྱས་པ་གི་དོན་ལུ་ (http://www.panl10n.net/) གཟིགས་གནང་།
ལས་འགུལ་འདི་ལུ་བརྒྱུད་དེ་ང་བཅས་ཀྱིས་ཨོ་པཱན་ཨོ་ཕིསི་(མིང་ཚིག་སྦྱོར་འཕྲུལ་ ཤོག་ཁྲམ་དང་གསལ་སྟོན་)ཝེབ་-བརའུ་ཟར་དང་གློག་འཕྲིན་ཞབས་ཏོག་སྤྱོད་མི་གློག་རིམ་དང་གཅིག་ཁར་གྲོགས་རམ་ཡིག་སྣོད་ཚུ་གི་རྫོང་ཁ་ཐོན་རིམ་འདི་ཡར་རྒྱས་གཏང་ནི་ཨིན། ལས་འགུལ་འདི་གིས་ཡང་རྫོང་ཁ་ནང་མཉེན་ཆས་འབྱུང་ཁུངས་ཁ་ཕྱེ་རྩིས་ཐོ་འབད་ནི་ཅིག་ཡུལ་མཐུན་བཟོ་ནི་ལུ་ཡང་་དམིགས་དོན་བསྐྱེདཔ་ཨིན།
མཉེན་ཆས་དེ་ཚ་ཆ་མཉམ་རྫོང་ཁ་ ཇི་ཨེན་ཡུ་/ལི་ནགསི་བགོ་བཀྲམ་དང་གཅིག་ཁར་ རྫོང་ཁ་ངོས་འདྲ་བ་དང་ལག་དེབ་ཚུ་ དེ་མ་ཚད་རྫོང་ཁ་ནང་ གྲོགས་རམ་ཡིག་སྣོད་ཚུ་ནང་མཉམ་སྒྲིལ་འབད་འོང་།