འབྲུག་གི་རྒྱལ་ཡོངས་སྐད་ཡིག་་རྫོང་ཁ།
རྫོང་ཁ་འདི་ སྤྱི་ལོ་ ༡༩༦༡ གི་ལོ་ལུ་ འབྲུག་གི་རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ འབྲུག་རྒྱལ་ཡོངས་ཀྱི་སྐད་ཡིག་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན། དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ ཉི་ཤུའི་ནང་ལས་ ཐིམ་ཕུ་ སྤུ་ན་ཁ་ སྤ་རོ་ དབང་འདུས་ཕོ་བྲང་ སྒར་ས་ ཧཱ་དང་དར་དཀར་ན་ དེ་ལས་ ཆུ་ཁ་བཅས་ནུབ་ཕྱོགས་རྫོང་ཁག་བརྒྱད་ཀྱི་གཡུས་སྐད་ཨིན་རུང་ ད་རེས་ནངས་པར་ སྐད་ཡིག་དེ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཐུན་མོང་དུ་སླབ་སྲོལ་ཡོདཔ་ཨིན།
རྫོང་ཁ་ཟེར་མི་འདི་ རྫོང་'fortress'ནང་ སླབ་སྲོལ་ཡོད་པའི་ཁ་སྐད་ 'language'ཅིག་ཨིན། དེ་བསྒང་ གངས་ཅན་འབྲུག་རྒྱལ་ཁབ་འདི་ ཤར་ཕྱོགས་ལས་ནུབ་ཕྱོགས་ཀྱི་བར་ རྫོང་དེ་ཚུ་གིས་ དབང་ལུ་བསྡུཝ་ཨིནམ་དང་ དེ་ནང་ སྔར་སྲོལ་ལྟར་དུ་ སྲིད་དོན་དང་དྲག་དབང་ དེ་ལས་ ཤེས་ཡོན་སློབ་སྦྱོང་འབད་སའི་ལྟེ་བ་ཅིག་ཨིན་པས། དམིགས་བསལ་དུ་ རྫོང་ཁ་འདི་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ནང་གི་ གྲོང་གཡུས་མི་ཚུ་གིས་ སླབ་སྲོལ་ཡོད་པའི་ཁ་སྐད་ཅིག་ཨིནམ་དང་ དེ་ལུ་ སྔ་ལོང་ 'Ngalong'ཟེར་ཡང་སླབ་སྲོལ་ཡོདཔ་ཨིན་པས། ཚིག་གི་འབྱུང་རབས་རིག་པ་ལས་འབད་བ་ཅིན་ ས་ཕྱོགས་དེ་ནང་གི་མི་ཚུ་གིས་ ནང་པའི་ཆོས་ཀྱི་གྲལ་ཁར་ འགོ་ཐོག་དང་པ་ཞུགས་ཡོདཔ་ལས་ སྔ་ལོང་ 'the first to rise'ཟེར་སླབ་ཡོདཔ་ཨིན་པས། སྔ་ལོང་འདི་ འབྲུག་རྒྱལ་ཁབ་ནང་ ནང་པའི་ཆོས་ཀྱི་ཆོས་ལུགས་ལུ་སྒྱུར་མི་ འགོ་ཐོག་ཨིནམ་ལས་ སྔ་ལོང་ཟེར་བའི་ཐ་སྙད་འདི་ སྔན་ལུང་ 'Ngenlung 'ancient region'ལས་རྟ་དྲངས་ཡོདཔ་ཨིན་པས།
རྫོང་ཁ་འདི་ དཔེར་ན་ པོར་ཊུ་གིས་འདི་ ལེ་ཊིན་སྐད་ཡིག་ལས་བྱུང་ཡོདཔ་བཟུམ་སྦེ་ ཆོས་སྐད་ལས་རྟ་དྲངས་ཡོདཔ་ཨིནམ་དང་ ད་ལྟོ་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ གཡུས་སྐད་ནང་བསྒྱུར་བའི་བསྒང་ཡོད་མི་འདི་ འཛམ་གླིང་དུས་རབས་བར་མའི་རོ་མཱེནསི་སྐད་ཡིག་གནས་སྟངས་དང་འདྲ་མཉམ་སྦེ་ཡོདཔ་ཨིན། རྫོང་ཁ་འདི་ དཔེར་ན་ ལེ་ཊིན་སྐད་ཡིག་ལུ་འཕྲོ་མཐུད་དེ་སྦྱང་བརྩོན་འབད་མི་དེ་གིས་ རོ་མཱནསི་སྐད་ཡིག་གི་མིང་ཚིག་དང་ཐ་ན་ ཨིང་སྐད་(དཔེར་ན་ ཝི་ཌིའོ་ རྒྱལ་ཁབ་ལེ་ཤ་འཛོམས་པ་ གཉན་སྲིན་སེལ་བྱེད་ དང་རྒྱལ་སྤྱི་ དེ་ལས་ ངོ་བསྟོད་བཟུམ་)ལུ་ཡང་ཤན་ཞུགས་ཏེ་ཡོད་དོ་བཟུམ་ ཆོས་སྐད་ཀྱིས་ ད་རེས་ནངས་པར་ རྫོང་ཁ་འདི་ ཁ་ལས་སླབ་ནི་དང་བྲིས་ནི་གཉིས་ལུ་ ཤན་ཞུགས་དོ་ཡོདཔ་ཨིན།
རྫོང་ཁའི་ཡི་གེ་སུམ་ཅུ་ལུ་ གསལ་བྱེད་སུམ་ཅུ་ཟེར་སླབ་ཨིནམ་དང་ རྫོང་ཁའི་ནང་བྲིས་སྲོལ་ཡོད་པའི་ཡིག་ཚུགས་འདི་ བོད་ཡིག་དང་ཅོག་འཐདཔ་ལས་ དེ་ལུ་ དབུ་ཅན་ཟེར་སླབ་ཨིན། ཡིག་ཚུགས་འདི་ དུས་རབས་བདུན་པའི་བར་མཚམས་ལུ་ ལེགས་སྦྱར་སྐད་ཡིག་ནང་ལག་ལེན་འཐབ་སྲོལ་ཡོད་པའི་གུཔ་ཏ་ ཡང་ན་ ནུབ་ཕྱོགས་བྲམ་ཟེའི་ཡིག་གཟུགས་ལུ་ གཞི་བཞག་སྟེ་བརྩམས་པའི་ཤུལ་ལས་ བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ ཐུ་མི་མཁན་པོ་ སམ་བྷོ་ཊ་ལུ་ ཆེད་བརྗོད་འབད་ཡོདཔ་ཨི་ན་པས།
ཚུགས་ཡིག་ནང་དབྱངས་བཞི་ཡོད་པ་གཤམ་གསལ་ལྟར་:
དབྱངས་རྟགས་ | སྒྲ་གདངས་ | རྫོང་ཁའི་མིང་ | རོ་མཱན་རྫོང་ཁ་ |
ི | i | གི་གུ་ | g'ikhu |
ུ | u | ཞབས་ཀྱུ་ | zh'apju |
ེ | e | འགྲེང་པོ་ | drengbo |
ོ | o | ན་རོ་ | nâro, naro |
དབྱངས་རྟགས་ ན་རོ་འདི་ མིང་གི་སྒོ་ལས་ nâro སྦེ་སྒྲ་གདངས་བརྗོདཔ་ཨིན། རྫོང་ཁའི་ནང་ སྐད་ཤུགས་སྦེ་ ཡིག་སྡེབ་སླབ་པའི་སྐབས་ མིང་ཚིག་དེ་ མིང་མ་ཡིན་པའི་རྗེས་འཇུག་སྦེ་འཇུགཔ་ཨིནམ་ལས་ དབྱངས་ཐུང་ཀུའི་ཐོག་ལས་ ན་རོ་སྦེ་བརྗོདཔ་ཨིན། དབྱངས་ཚུ་མ་སྟོན་པའི་སྐབས་ལུ་ ཡིག་འབྲུ་ཅིག་ནང་ཡོད་པའི་དབྱངས་འདི་ རང་བཞིན་གྱིས་སྦེ་ ཨ་ ལུ་འགྱུརཝ་ཨིན། དེ་ཡང་འོག་གི་དཔེར་བརྗོད་ཚུ་གིས་ སྟོནམ་ཨིན།
ཀུ | ku (ku) | ཀ | ཀུ་ |
ཕི | phi (phi) | ཕ | ཕི་ |
ཡ | ya (ya) | ཡ་ | |
ཨོ | o ('o) | ཨ | ཨོ་ |
སེ | se (se) | ས | སེ |
དབུ་ཅན་ཡི་གུ་འདི་ བོད་སྐད་ནང་བཟུམ་སྦེ་ སྒྲ་གདངས་སོར་སོའི་ཡི་གེ་ཚུ་ མིང་གཞིའི་སྟེང་འོག་ལུ་བརྩེགས་པ་སྦེ་སྦྱར་ཏེ་ སྒྲ་གདངས་བརྗོདཔ་ཨིན། ཡི་གེ་ ར་ འདི་ གསལ་བྱེད་གཞན་གྱི་གུ་ལུ་ཡོད་པ་ཅིན་མ་གཏོགས་ གསལ་བྱེད་ ཉའི་གུ་ཨིན་པ་ཅིན་ རའི་རྣམ་པ་ལུ་ འགྱུར་བ་མེདཔ་དང་ དེ་ལུ་ ར་མགོ་ཟེར་སླབ་ཨིན།
རྒ་ | rga (ga) | ར | རྒ་ |
རྙ་ | rña ('nya) | ར | རྙ་ |
དེ་བཟུམ་སྦེ་ ཡི་གེ་ ར་ འདི་ གསལ་བྱེད་གཞན་གྱི་འོག་ལུ་ཨིན་པ་ཅིན་ དེ་ལུ་ ར་བཏགས་ ཟེར་སླབ་ཨིན། དེ་ཚུ་འོག་ལུ་བཀོད་དེ་ཡོད།
བྲ་ | bra (dr'a) | བ | བྲ་ | |
ཀྲོ་ | kro (tro) | ཀ | ཀྲ | ཀྲོ་ |
ཀྱ་ | kya (ca) | ཀ | ཀྱ་ | |
ཕྱོ་ | phyo (pcho, cho) | ཕ | ཕྱ | ཕྱོ་ |
ཀྭ་ | kwa | ཀ | ཀྭ་ | |
གྲྭ་ | grwa (dr'a, dra) | ག | གྲ | གྲྭ་ |
དཔར་བསྐྲུན་འབད་ཡོད་པའི་དབུ་ཅན་ཡི་གུ་ལུ་ ཚུགསམ་ཟེར་སླབ་དོ་བཟུམ་ རྫོང་ཁའི་ནང་ལུ་ཡང་ མགྱོགས་ཚུགསམ་དང་མགྱོགས་ཡིག་ཟེར་ རྣམ་པ་གཉིས་སྦེ་བྲིས་སྲོལ་ཡོདཔ་ཨིན།
རྫོང་ཁའི་ཡི་གུ་ནང་ སྒྲ་དྲག་པ་དང་ཞན་པ་གཉིས་སྦེ་ཕྱེ་སྟེ་ཡོདཔ་ཨིན།
སྒྲ་གདངས་དང་ལྡན་པའི་ཡིག་འབྲུ་
High | Low | |
nasals | ||
velar nasal | 'nga རྔ་ | nga ང་ |
palatal nasal | 'nya རྙ་ | nya ཉ་ |
dental nasal | 'na རྣ་ | na ན་ |
bilabial nasal | 'ma རྨ་ | ma མ་ |
Glides | ||
palatal glide | 'ya དབྱའ་ | ya ཡ་ |
voiced lateral | 'la རླ་ | la ལ་ |
labiovelar glide | 'wa དབའ་ | wa ཝ་ |
དབྱངས།
front closed unrounded | 'i ཨི་ | i འི་ |
front closed rounded | 'ü ཨུས་ | ü འུས་ |
back closed rounded | 'u ཨུ་ | u འུ་ |
front half-open unrounded | 'e ཨེ་ | e འེ་ |
front half-open rounded | 'ö ཨོས་ | ö འོས་ |
back half-open unrounded | 'o ཨོ་ | o འོ་ |
front open | 'ä ཨས་ | ä འས་ |
back open | 'a ཨ་ | a འ་ |
སྒྲ་གདངས་དང་མ་ལྡན་པའི་ཡིག་འབྲུ་ དཔེར་ན།
high register | low register | |||
unvoiced | aspirated | voiced | devoiced | |
velar plosive | ka ཀ་ | kha ཁ་ | ga རྒ་ | g'a ག་ |
palatal affricate | ca ཅ་ | cha ཆ་ | ja རྗ་ | j'a ཇ་ |
dental plosive | ta ཏ་ | tha ཐ་ | da རྡ་ | d'a ད་ |
retroflex plosive | tra ཀྲ་ | thra ཁྲ་ | dra སྒྲ་ | dr'a གྲ་ |
bilabial plosive | pa པ་ | pha ཕ་ | ba རྦ་ | b'a བ་ |
alveolar affricate | tsa ཙ་ | tsha ཚ་ | dza ཛ་ | |
bilabial palatal affricate | pca པྱ་ | pcha ཕྱ་ | bja སྦྱ་ | bj'a བྱ་ |
palatal sibilant | sha ཤ་ | zha གཞ་ | zh'a ཞ་ | |
alveolar sibilant | sa ས་ | za གཟ་ | z'a ཟ་ | |
apical continuant | hra ཧྲ་ | ra ར་ | ||
lateral continuant | lha ལྷ་ | |||
voiceless aspirate | ha ཧ་ |
གོང་ལུ་བཀོད་མི་ཚུ་ ཤར་ཕྱོགས་ཧི་མ་ལ་ཡཱན་གྱི་གངས་ལྗོངས་ལུ་ཆགས་མི་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་བཅུད་དོན་ཨིན། དེ་གིས་མ་དོ་བར་ རྫོང་ཁའི་ཡིག་ཚུགས་དང་བརྗོད་སྒྲའི་རིག་པ་ཚུ་ བཤད་དེ་ཡོདཔ་ཨིན།